K

ཁྱོད་གཅིག་ ་ ་ནམ་འཚོལ་འཐོབ་ག།

ཁྱོད་ལེགས་པའི་གདོང་གི་བཞིན་རས་འདི།།
ཡར་དཀར་གསལ་ཟླཝ་ཟེར་ང་མི་སླབ།།
ཨཱའེ་ཟླཝ་འོད་འཇིག་པའི་རང་བཞིན་དང་།།
ཁྱོད་གླིང་བཞི་སྐོར་ནིའི་ཉེན་ཁ་འདུག།
རང་ཕངས་པའི་ཡིད་དཀར་འགྱུར་མ་སོང་།།
ཁྱོད་སྙན་པའི་དབྱངས་ཀྱི་གསུང་སྐད་འདི།།
ཕར་ཁུ་བྱུག་སྔོནམོ་ཟེར་ང་མི་སླབ།།
ཨཱའེ་མི་རྟག་དུས་ཀྱིས་འཛིན་པའི་ཚེ།།
ཁྱོད་བོད་ཡུལ་ཕྱོགས་སུ་འགྱོ་ནི་མས།།
རང་གཅེས་པའི་ཡིད་འོང་འཕུར་མ་སོང་།།
ཁྱོད་ལང་ཚོ་ལྡན་པའི་སྐུ་གཟུགས་དང་།།
གསུང་ཡན་ཡག་དྲུག་ཅུ་ཚངས་པའི་དབྱངས།།
ཐུགས་དྲི་མེད་བྱང་སེམས་མཆོག་པའི་བུམོ།།
གོས་རིན་ཆེན་ཀ་ཤི་ཀ་རས་དང་།།
སྟོབས་དབང་ཆེན་མཛོད་ཡང་མི་དགོ་པས།།
ཨཱའེ་དཔེ་མེད་མཚན་ལྡན་ཡོན་ཏན་གྱིས།།
སྐྱོན་མེད་པར་བསྟོད་པའི་ཚིག་ཡང་རྫོགས།།
འཕྲལ་མི་འཕྲུལ་བཟུམ་གྱི་ཡིད་འོང་ཁྱོད།།
ང་བདེན་རྫུན་རེག་པའི་དུས་ཅིག་མ་འཐོབ།།
©karzeen 22 ~ ∆ ~ 23