K

སྤྱི་མཐུན་འགན་འཁྲི།

♣♣♣♣♣♣♣♣♣♣
གཞན་གྱིས་མ་ཤེས་འཐུས་ཤོར་རུང་།།
ནཱ་ཡང་འདྲ་མཉམ་འགན་འཁྲི་ཡོད།།
འཛོལ་བ་སྐྱོན་བརྗོད་མ་འབད་བསལ།།
དམངས་ལུ་བཏོན་པའི་སྐྱོན་འདི་ངན།།
སྐབས་སྐབས་རོགས་སྐྱོན་བཏོན་པའི་ཚེ།།
རོགས་སྐྱོན་ཆུང་ཀྱང་དཔའ་རྔམ་ཆེ།།
རང་སྐྱོན་ཤེས་པར་དུས་ཡུན་རིང་།།
ནམ་ཅིག་འགྱོད་པའི་དུག་རང་ཨིན།།
གྲོས་གནས་འདི་ཡང་སྤྱོད་བཟང་དགོ།
འབྲུགཔ་གི་འཕགས་པའི་སྐྱེས་བ་འདིར།།
རྣམ་དཔྱོད་ལྡན་པའི་ཁྱས་ཆོས་ཡོད།།
ཚུལ་བཞིན་དག་པའི་ངོ་རྟགས་སྟོན།། དགོ་པས་ཟེར་ཞུ་ནི་ལགས།
★★★★★★★★★★★★★★★
© དཀར་འཛིན། ༢༢ ~ ∆ ~ ༢༣ ★
©karzeen