རང་གཅེས་པའི་ཡིད་དཀར་དྲན་པའི་དུས་ལུ།།
ཞག་ཉལ་བའི་གཉིད་ཡང་རྫོགས་ཏེ་དྲན་མས།།
སེམས་སྐྱིད་པའི་གཉིད་གཅིག་ལོག་ཐབས་མིན་འདུག།
དོན་ལན་གསུམ་བདུད་རྩི་ཧིང་གི་ཟུངས་ཨིན།།
མཛེས་ལྡན་ཡིད་འོང་ཡིད་དཀར་མཐོང་པའི་ཚེ།།
དལ་བའི་སྙིང་ཡང་དཀར་བའི་དྭངས་གཅིག་ཐོན།།
ཡིད་སྡུག་འོང་བའི་རི་མོ་ཧིང་ལས་ཤར།།
རང་མི་བསམ་མནོ་རུང་རང་དབང་མིན་འདུག།
ཞལ་འཛུམ་ཟླ་མདངས་རིན་ཆེན་དཔལ་འགྱུར་ཅིག།
ཐུགས་འདོད་གེགས་མེད་ཡིད་བཞིན་བསྒྲུབ་པར་ཤོག།
དཔེ་བཟང་མཚན་གྲགས་འོད་གསལ་མཐའ་མེད་ཁྱབ།།
བདེ་སྐྱིད་ལོངས་སྤྱོད་བསྐལ་བརྒྱར་ཡུན་བརྟན་འཕེལ།།
འཁྲུངས་སྐར་ཉི་མའི་ལེགས་སྨོན་ཧིང་ལས་ཡོད།།
© དཀར་འཛིན། ༢༢ ~ ∆ ~ ༢༣།
©karzeen
K